༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༢༠། དབྱར་གནས་ཆེན་མོའི་བོད་ཚེས་ ༢༥ ཉིན། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། གཙོ་ཆེ་༸རྒྱལ་བའི་སྐུ་ཕྱ་དང་བོད་བསྟན་སྲིད་བདེ་ཐབས། ལྷག་པར་ད་ལྟའི་འཆར་གཞིས་བཞུགས་བོད་མི་རྣམས་ལ་ཏོག་དབྱིབས་ནད་ཡམས་ཀྱིས་དཀའ་ངལ་འཕྲད་བཞིན་ཡོད་པར་ཐུགས་གསོ་དང་སྦྲགས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་སོང་བ་རྣམས་ལ་བསྔོ་བ་སྨོན་ལམ་དང་། དཀའ་ངལ་འཕྲད་བཞིན་པ་རྣམས་དཀའ་ངལ་ལས་མགྱོགས་མྱུར་ཐར་པ་དང་། གཞན་ཡང་རཱ་ཤེ་ཡ་དང་ཡུག་ཀེན་གྱི་དམག་འཁྲུགས་དང་། འཛམ་གླིང་གང་སར་ཆུ་ལོག་སོགས་འབྱུང་བཞིའི་གནོད་སྐྱོན་འོག་རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། ནད་ཡམས་དང་དམག་འཁྲུག་དེ་དག་གང་མགྱོགས་ཞི་བའི་ཆེད། དཔལ་ལྡན་ཆོས་རིག་ལས་ཁུངས་དང་། ས་གནས་མོན་གྷོ་འདོད་རྒུ་གླིང་གཞིས་ལས་ཁང་ནས་བཀའ་ཡིག་ཕེབས་དོན་བཞིན། སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་གིས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། བླ་མཆོད་ཚོགས་འཁོར་རྒྱས་པ། བཟང་སྤྱོད་སྨོན་ལམ། ཤེས་རབ་སྙིང་པོ། སྒྲོལ་མའི་གཟུངས་སྔགས་དང་སྒྲོལ་བསྟོད་སོགས་གསོག་སྒྲུབ་ཞུས།