དགའ་ཤར་མ་ལེ་ཤི་ཡའི་ཕན་བདེ་ལེགས་བཤད་གླིང་ཆོས་ཚོགས།

དགའ་ཤར་མ་ལེ་ཤི་ཡའི་ཕན་བདེ་ལེགས་བཤད་གླིང་ཆོས་ཚོགས།

མ་ལེ་ཤི་ཡ་པ་ཏཱ་ལིང་ཇཱ་ཡར་ཡོད་པའི་དགའ་ལྡན་ཤར་རྩེ་ཕན་བདེ་ལེགས་བཤད་གླིང་ཆོས་ཚོགས་ནི། སྐྱབས་རྗེ་མཁན་ཟུར་བླ་ཏི་རིན་པོ་མཆོག་མ་ལེ་ཤི་ཡར་ཐོག་མར་ཕྱི་ལོ་ ༢༠༠༠ ལོར་ཕེབས་སྐབས་དད་ལྡན་སློབ་མ་ཧ་ཅང་མང་པོ་འདུས་པ་དང༌། དེའི་ཁོངས་ནས་གང་མང་ཞིག་གིས་ཆོས་ཚོགས་འཛུགས་གནང་ཡོང་བའི་རེ་བསྐུལ་ཡང་ཡང་ཞུས་དོན་ལྟར། ༢༠༠༤ ལོར་རིན་པོ་ཆེ་མཆོག་དེ་ཕྱོགས་སུ་སླར་ཡང་ཆིབས་སྒྱུར་གནང་སྟེ། ཕན་བདེ་ལེགས་བཤད་གླིང་ཞེས་མཚན་གསོལ་དང་བཅས་དབུ་འབྱེད་གནང་། དེ་ནས་བཟུང་གྲྭ་ཚང་གིས་དགེ་འདུན་པ་ཆེད་གཏོང་བྱས་དང་བྱེད་བཞིན་ཡོད། (གོང་གསལ་ཆོས་ཚོགས་ཁག་གི་ལོ་རྒྱུས་རྒྱས་པ་གྲྭ་ཚང་གི་ཆོས་འབྱུང་རྒྱས་པའི་ནང་གསལ་ཡོད་པས་དེར་གཟིགས་དགོས།)