གཞན་ཡང་གྲྭ་ཚང་འདི་ནས་ཕེབས་པའི་སྐྱེས་ཆེན་དམ་པ་འགའ་ཞིག་ངོ་སྤྲོད།

གྲྭ་ཚང་འདི་ནས་ཕེབས་པའི་སྐྱེས་ཆེན་དམ་པ་གཞན་འགའ་ཞིག་གི་མཚན་བྱང་།

(གྲྭ་ཚང་གི་ཆོས་འབྱུང་ནང་གསལ།)

༡༽ དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་ཁྲི་ཆེན་སངས་རྒྱས་རིན་ཆེན་གྱི་སྤྲུལ་སྐུ་རིན་ཆེན་རྒྱ་མཚོ།
༢༽ སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་སྐུ་འཕྲེང་རིམ་བྱོན།
༣༽ སྐྱབས་རྗེ་ཟོང་སྤྲུལ་རྡོ་རྗེ་འཆང་སྐུ་འཕྲེང་རིམ་བྱོན།
༤༽ དགེ་བའི་བཤེས་གཉེན་ཆེན་པོ་ཆོས་འཕེལ་རྒྱལ་མཚན།
༥༽ སེམས་དཔའ་ཆེན་པོ་ཐེ་པོ་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་སྐལ་བཟང་ཆོས་གྲགས།
༦༽ ཕུ་ཁང་བ་གྲུབ་དབང་དཀར་ཆེན་ཡོན་ཏན་ལྷུན་གྲུབ།
༧༽ དགེ་བའི་བཤེས་གཉེན་ཆེན་པོ་དུས་འཁོར་བ་སྐལ་བཟང་དངོས་གྲུབ།
༨༽ སོག་པ་གྲུབ་ཆེན་བྱམས་པ་རིག་འཛིན།
༩༽ མཁས་གྲུབ་གཉིས་འཛོམས་ཀྱི་དུས་འཁོར་བ་ཆེན་པོ་བྱམས་པ་བཀྲ་ཤིས།
༡༠༽ མཁས་དབང་མངའ་རིས་པ་སྐལ་ལྡན་བློ་བཟང་།
༡༡༽ མལ་གྲོ་གཟི་ཕུག་སེ་ར་རི་ཁྲོད་ཀྱི་གནས་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་པ་རྒྱ་མཚོ།

༡༢༽ གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ།

༡༣༽ དེའི་སྤྲུལ་སྐུ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

༡༤༽ བསྟན་པའི་གསལ་བྱེད་ཐེ་པོ་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན།
༡༥༽ ཅོ་ནེ་གཡུ་ལོ་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན།
༡༦༽ སྙན་བརྒྱུད་གསང་བའི་མཛོད་འཛིན་ཕུ་ཁང་མཁྱེན་རབ་དཔལ་འབྱོར།
༡༧༽ གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་རྣམ་འཕྲུལ་ལྷོ་པ་རྒྱལ་སྲས་སྐུ་འཕྲེང་རིམ་བྱོན།
༡༨༽ ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཅོ་ནེ་ཤར་པ་སྤྲུལ་སྐུ་དགེ་འདུན་འཇམ་དབྱངས་དཔལ་བཟང་པོ།
༡༩༽ བསྟན་པའི་གསལ་བྱེད་སོག་པ་ཨ་མཆོག་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན།
༢༠༽ སོག་པ་ཨ་ལགས་སྒང་པ་ཚང་རྒྱ་ནག་མཁན་ནང་སྤྲུལ་སྐུའི་ཡང་སྤྲུལ་སྐལ་བཟང་བསྟན་པ་རྒྱ་མཚོ།
༢༡༽ རྡོ་ཁང་མུ་ལི་མཁན་སྤྲུལ་ཐུབ་བསྟན་ལམ་བཟང་མཆོག
༢༢༽ མཐུ་སྟོབས་ནུས་པའི་བདག་ཉིད་རིག་པ་འཛིན་པ་ལྷོ་པ་གྲགས་པ་དོན་ཡོད།
༢༣༽ ཐེ་པོའི་ཡོངས་འཛིན་མཁས་དབང་ཉག་རེ་དགེ་བཤེས་གྲོ་སྟིས་མཆོག
༢༤༽ མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས།
༢༥༽ མང་ཐོས་ཆོས་ཀྱི་མཛོད་འཛིན་དགེ་བའི་བཤེས་གཉེན་རྡོ་ཁང་བསམ་གླིང་སྤིད་སྤིད་ལགས།
༢༦༽ དགེ་བའི་བཤེས་གཉེན་དགའ་ལྡན་ཕུ་ཁང་ག་ལི་རིན་པོ་ཆེ་བློ་བཟང་དམ་ཆོས།
༢༧༽ སྨྲ་བའི་སེང་གེ་ཟུང་ཆུ་དཔལ་ལྡན་ཟླ་བ།
༢༨༽ རིག་འཛིན་གྲུབ་པའི་དཔའ་བོ་རྡོ་ཁང་མུ་ལི་དགེ་བའི་བཤེས་གཉེན་དཔལ་ལྡན་བསྟན་དར།
༢༩༽ མཚུངས་མེད་རིགས་པའི་དབང་ཕྱུག་དགེ་བའི་བཤེས་གཉེན་ངག་དབང་བློ་བཟང་།
༣༠༽ མང་ཐོས་ཆོས་ཀྱི་གཏེར་མཛོད་དགེ་བའི་བཤེས་གཉེན་བསྟན་འཛིན་ཆོས་འཕེལ།
༣༡༽ སྐྱང་ཚའི་སྒ་བཞི་རུ་འཁྲུངས་པ་དགེ་བཤེས་ཆེན་པོ་ཐེ་པོ་བླ་ཐུང་དུ་གྲགས་པ་དང་།
༣༢༽ དེའི་སྤྲུལ་སྐུ་ངག་དབང་བློ་བཟང་ཆོས་འཕེལ།
༣༣༽ ཐེ་པོ་གྲོ་ཚང་སྤྲུལ་སྐུ།
༣༤༽ འཚམས་རིང་པ་བློ་བཟང་ཆོས་འཕེལ་ལམ་སོག་པ་རང་སངས་རྒྱས་སུ་གྲགས་པ།
༣༥༽ ཨ་མཆོག་དབོན་པོ་ལྷ་རམས་པ་བསོད་ནམས་ཆོས་གྲགས།
༣༦༽ ལྷ་རམས་པ་སང་སང་ངག་དབང་རིན་ཆེན།
༣༧༽ ལྷ་རམས་པ་རྔ་བ་ཐར་ཚིགས་ངག་དབང་ཤེས་རབ་དང་།
༣༨༽ མཚེ་མཁན་པོ་བློ་བཟང་ཆོས་གྲགས་ཀྱི་སྐུ་འཕྲེང་བློ་བཟང་བསྟན་པའི་ཉི་མ།
༣༩༽ དེའི་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་པའི་ཉི་མ།
༤༠༽ སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོ།
༤༡༽ ཕུ་ཁང་རྒྱལ་ཁང་རྩེ་སྤྲུལ་སྐུ་སོགས་ཀྱིས་མཚོན་མདོ་སྟོད་སྨད་དབུས་གཙང་ཁུལ་སོགས་ཅི་རིགས་པར་གྲྭ་ཚང་འདིའི་ཁོངས་ནས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་གངྒཱའི་རྡུལ་ལ་བལྟ་བར་ནུས་པའི་གང་ཟག་ཁྱད་པར་ཅན་ཆེས་མང་པོ་ཕེབས་དང་། ཕེབས་བཞིན་པ་དེ་དག་ལས་ཉུང་ཤས་ཙམ་སྨྲས་པ་ལས། མཐའ་དག་ནི་བརྗོད་ཀྱིས་མ་ལང་ངོ་ཞེས་གྲྭ་ཚང་གི་ཆོས་འབྱུང་དུ་གསལ་བ་རྣམས་སོ།།