༄༅། །ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༩ ཚེས་ ༣ ཉིན། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། འཇམ་མགོན་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཉིན་རྒྱབ་ཕྱག་ཚོད་ ༢ ནས་ཉིན་གསུམ་གྱི་རིང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཐེམ་སྐས་བཅོ་བརྒྱད་ཆ་ལག་དང་བཅས་པའི་བཤད་ལུང་བཀའ་དྲིན་བསྩལ། རིན་པོ་ཆེ་ཁོང་གིས་ཐེམ་སྐས་བཅོ་བརྒྱད་ཀྱི་བཤད་ལུང་གསན་ཡུལ་ནི། དགའ་ཤར་ཉག་རེ་མཚུངས་མེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་གི་དྲུང་ནས་གསན་པར་གསུངས།