༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༣ ནས་ཉིན་གྲངས་ལྔའི་རིང་ལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འདི་ལོའི་ཟླ་དྲུག་རྒྱུགས་སྤྲོད་ཆེན་མོ་འཚོགས།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འདི་ལོའི་ཟླ་དྲུག་རྒྱུགས་སྤྲོད་ཆེན་མོ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༠༣ ནས་ཚེས་ ༠༧ བར་ཉིན་གྲངས་ལྔ་ཡི་རིང་སློབ་གཉེར་བ་འདུལ་བ་གཞི་སྨད་ནས་བསྡུས་གྲྭ་བར་ ༥༤༣ དང་། འཛིན་གྲྭ་ལྔ་པ་ནས་སྔོན་འགྲོ་བར་སློབ་ཕྲུག་ཞལ་གྲངས། ༣༢༧  བསྡོམས་སློབ་གཉེར་བ་ཞལ་གྲངས། ༨༧༤ ཐམ་པས་རྒྱུགས་འབུལ་གནང་ཡོད།

རྒྱུགས་སྤྲོད་སྐབས་སྐྱབས་གནས་མཁན་རིན་པོ་མཆོག་གིས་དབུས་དབུ་ཆོས་རྣམ་པ་གསུམ་དང་། རྒྱུགས་སྤྲོད་ཚོགས་ཆུང་ངམ་རྒྱུགས་སྤྲོད་དོ་དམ་པའི་ནང་། སློབ་སྤྱི་དང་ལས་དྲུང་གིས་དབུས་རྒྱུན་ལས་དགེ་རྒན་གྲངས། ༡༤ དང་དཔེ་ཁྲིད་དགེ་རྒན་གྲངས། ༠༢ རིག་གནས་དགེ་རྒན་གྲངས། ༠༨ ཨིན་ཇི་དང་ཨང་རྩིས་དགེ་རྒན་བསྡོམས་གྲངས། ༠༩ གློག་ཀླད་དགེ་རྒན། ༠༡ ཡིག་གཟུགས་དགེ་རྒན་གྲངས། ༠༢ རི་མོའི་དགེ་རྒན། ༠༡ བཅས་སློབ་དགེ་གྲངས། ༣༧ ཆ་བགོས་ཀྱིས་གྲྭ་ཚང་གི་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་གི་ཡང་སྟེང་དུ་བསྡུས་གྲྭ་ཡན་ཆོད་དང་། འོག་ཐོག་ཏུ་འཛིན་གྲྭ་ལྔ་པ་མན་ཆད་ཀྱིས་བྲིས་རྒྱུགས་གནང་ཡོད་ལ། དེ་བཞིན་འཛིན་གྲྭ་ལྔ་པ་མན་ཆད་ཀྱི་བློ་རྒྱུགས་ཡོངས་རྫོགས་གྲྭ་ཚང་གི་སློབ་གྲྭའི་ཚོགས་ཁང་དང་འཛིན་ཁང་སོ་སོའི་ནང་རྒྱུན་ལས་དགེ་རྒན་རེ་དང་། སློབ་དགེ་མིན་པའི་རང་ཁོངས་དགེ་བཤེས་ཁག་ཅིག་བཅས་ནས་ལེན་བཞིན་ཡོད། དགའ་ཤར་སློབ་གྲྭའི་ཡིག་ཚང་ནས། །